Popular Quotations from the King of Samādhi Sūtra
- Language
- English
- Date
- 2004 CE
- Translator
- Adam Pearcey
- Extent
- 16 passages, 446 words
- Text
- partly digitised
- Source
- lotsawahouse · Adam Pearcey (tr.), Popular Quotations from the King of Samādhi Sūtra, Lotsawa House (version… · CC BY-NC 4.0 (Lotsawa House); shown with attribution on a non-commercial site
Contents
Text
p1
Popular Quotations from the King of Samādhi Sūtra
p2
from the Words of the Buddha
p3
སྐུ་ལུས་དག་ནི་གསེར་གྱི་མདོག་འདྲ་བས། །
འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། །
དམིགས་པ་འདི་ལ་གང་གི་སེམས་འཇུག་པ། །
བྱང་ཆུབ་སེམས་དཔའ་དེ་ནི་མཉམ་བཞག་ཡིན། །
p4
His pure body the colour of gold,
Beautiful is the Protector of the World.
Whoever visualises him like this,
Practises the meditation of the bodhisattvas.
p5
ཁྱོད་ལ་བསྒོ་བྱ་ཁོང་དུ་ཆུད་པར་བྱ། །
ཇི་ལྟར་མིདག་མིང་དུ་རྟོག་བྱེད་པ། །
དེ་ལ་གནས་པའི་རྟོག་པ་དེ་དག་གིས། །
དེ་བཞིན་དུ་ནི་དེ་ལ་སེམས་གཞོལ་འགྱུར། །
p6
This I will tell you, so please understand:
Whatever names people apply to things,
Thoughts will conceive of them as such,
And mind will engage with them accordingly.
p7
སྒྱུ་མ་བྱེད་པ་དག་གི་གཟུགས་སྤྲུལ་ཏེ། །
རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །
དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །
ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །
p8
Just as a magician makes illusions
Of horses, oxen, carts and other things,
Nothing whatsoever is as it appears—
Know all things to be like this.
p9
ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །
བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ན། །
བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །
ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །
p10
If, in her dream, a young girl
Has a baby boy who later dies,
She feels joy at first, then grief—
Know all things to be like this.
p11
ཡོད་དང་མེད་ཅེས་བྱ་བ་གཉི་ག་མཐའ། །
གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །
དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །
མཁས་པ་དབུས་ལའང་གནས་པར་ཡོང་མི་བྱེད། །
p12
Existence and non-existence are extremes;
Purity and impurity are extremes as well,
Thus, having relinquished both extremes,
The wise do not dwell even in the middle.
p13
སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །
འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །
འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །
p14
Generate bodhicitta—thorough, expansive, and supreme.
For all beings possess the cause of buddhahood;
Not a single one is unsuitable as a vessel.
p15
ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་སྙེད་དུ། །
སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །
སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །
བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །
p16
Even an offering throughout billions of realms
Consisting of gifts infinite in number and variety
Presented to great beings every day for all eternity
Could not match the wonder of a mind of love.