Pramāṇa · Search · About · API

The Mahāsūtra “Illusion’s Net” 9

མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ 9

Language
Classical Tibetan

9

ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་ཆུ་ཀླུང་གི་འགྲམ་མམ་ཡུར་པོ་ཆེའི་འགྲམ་ན་སྒྲ་བརྙན་གྱི་སྒྲ་གྲག་པར་གྱུར་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་ལས་སྒྲ་འདི་གྲག་པའི་སེམས་ཅན་དེ་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ། །སེམས་ཅན་བྱིས་པའི་རང་བཞིན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་ལས་སྒྲ་འདི་གྲག་པའི་སེམས་ཅན་དེ་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། སྒྲ་བརྙན་འདི་འབའ་ཞིག་ཡོད་དེ། རྣ་བ་སླུ་བར་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་དེ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་

I perceived impurity as purity. I perceived the absence of a self as a self.’

“Here is an analogy, monks. When an echo resounds on the shores of a river or a large canal, beings who have a childish, deluded, and confused disposition think, ‘There is a sentient being that is the source of that sound, real and present there.’

“Beings whose disposition is insightful instead of childish or deluded think, ‘There is no sentient being that is the source of that sound, real and present there. That was only an echo, just an auditory delusion.’

“Monks, in the same way, noble hearers who are learned think, ‘All of the past, future, and present sounds my ears perceive lack permanence, stability, unchangeability, a true nature, an unmistaken true nature, a unique true nature, genuine reality, truth, suchness, a way things really are, infallibility, and incontrovertibility. They are hollow. They are vain. They have no essence. They are false. They are deceptive phenomena. They are Māra. They are Māra’s tools. They are corpses. They are corpse-like forms. Therefore, it does not make sense to delight in them, speak highly of them, or become and remain excessively attached to them. The noble, supramundane wisdom taught by the Blessed One is true.’ That is how they conduct a thorough analysis.

Oriane Lavolé, The Mahāsūtra “Illusion’s Net”

Translations (1)