The Sūtra of Turning the Wheel of Dharma 2
ཆོས་ཀྱི་འཁོར་ལོའི་མདོ 2
- Language
- Classical Tibetan
2
སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤང་བར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་ཤེས་པ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམ་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤངས་སོ་ཞེས་ཚུལ་བཞིན་
as I reflected thoroughly, the vision arose, and the insight, knowledge, understanding, and realization¹⁷ arose: ‘This is suffering, the truth of noble beings.’
“Monks, regarding things that I had not previously heard, as I reflected thoroughly, the vision arose, and the insight, knowledge, understanding, and realization arose: ‘This is the origin of suffering,¹⁸ this is the cessation of suffering, and this is the path leading to the cessation of suffering.’
“Monks, regarding things that I had not previously heard, as I reflected thoroughly, the vision arose, and the insight, knowledge, understanding, and realization arose: ‘With higher knowledge I should comprehend suffering, that truth of noble beings.’
“Monks, regarding things that I had not previously heard, as I reflected thoroughly, the vision arose, and the insight, knowledge, understanding, and realization arose: ‘With higher knowledge I should relinquish the origin of suffering, that truth of noble beings.’
“Monks, regarding things that I had not previously heard, as I reflected thoroughly, the vision arose, and the insight, knowledge, understanding, and realization arose: ‘With higher knowledge I should actualize¹⁹ the cessation of suffering, that truth of noble beings.’
“Monks, regarding things that I had not previously heard, as I reflected thoroughly, the vision arose, and the insight, knowledge, understanding, and realization arose: ‘With higher knowledge I should cultivate the path leading to the cessation of suffering, that truth of noble beings.’
“Monks, regarding things that I had not previously heard, as I reflected thoroughly, the vision arose, and the insight, knowledge, understanding, and realization arose: ‘With higher knowledge I have comprehended suffering, that truth of noble beings.’
“Monks, regarding things that I had not previously heard, as I reflected thoroughly, the vision arose, and the insight, knowledge, understanding, and realization arose: ‘With higher knowledge I have relinquished the origin of suffering, that truth of noble beings.’
Translations (1)
- The Sūtra of the Wheel of Dharma — English
Linked texts (3)
- Mahāvastu — Sanskrit
- Sphuṭārthā Abhidharmakośavyākhyā — Yaśomitra, Sanskrit
- Saṅghabhedavastu — Sanskrit