Pramāṇa · Search · About · API

The Sūtra of Nandika 1

འཕགས་པ་དགའ་བ་ཅན་གྱི་མདོ 1

Language
Classical Tibetan

1

༄༅། །རྒྱ་གར་སྐད་དུ། ཨཱརྱ་ནནྡི་ཀཾ་སཱུ་ཏྲ། བོད་སྐད་དུ། འཕགས་པ་དགའ་བ་ཅན་གྱི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། ཐབས་ཅིག་ཏུ་བཞུགས་ནས་ཆོས་སྟོན་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་ཡང་དེའི་ཚེ་དགེ་བསྙེན་དགའ་བ་ཅན་འཁོར་དགེ་བསྙེན་ལྔ་བརྒྱ་དང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། །བཅོམ་ལྡན་

Homage to the Three Jewels.²⁵

Thus did I hear at one time. The Bhagavān was dwelling at the Vulture Peak Mountain in Rājagṛha, together with a large saṅgha of one thousand two hundred and fifty monks who surrounded and honored him as he taught the Dharma.²⁶ He expounded that which is good in the beginning, good in the middle, good in the end, excellent in meaning, excellent in words, unique, perfect, completely pure, thoroughly refined, and concerns pure conduct.²⁷

At that time, the layman Nandika and a retinue of five hundred lay practitioners²⁸ departed from the great²⁹ city of Rājagṛha, and went to where the Bhagavān was.

Giuliano Proença, The Sūtra of Nandika

Translations (1)