The Father and Mother Sūtra 1
ཕ་མའི་མདོ 1
- Language
- Classical Tibetan
1
༄༅༅། །རྒྱ་གར་སྐད་དུ། པི་ཏྲྀ་མཱ་ཏྲྀ་སཱུ་ཏྲ། བོད་སྐད་དུ། །ཕ་མའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་
Homage to all buddhas and bodhisattvas!
Thus did I hear at one time. The Blessed One was dwelling with a saṅgha of hearers in Śrāvastī, in the Jetavana, Anāthapiṇḍada’s Park. At that time, the Blessed One proclaimed:
“Monks, those householders who properly venerate and attend to both their father and mother dwell with Brahmā. Why is that? Monks, from the perspective of the family, the father and mother of a child of noble family are like Brahmā.
“Monks, those householders who properly venerate, honor, and attend to both their father and mother
Translations (1)
- The Father and Mother Sūtra — Chodrungma Kunga Chodron, English