Karmashataka 17.19
ལས་བརྒྱ་ཐམ་པ་པ 17.19
- Language
- Classical Tibetan
17.19
གྱུར་ཅིག །ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག །གལ་ཏེ་སྡིག་པའི་ལས་འདིའི་འབྲས་བུ་གདོན་མི་ཟ་བར་བདག་ལ་སྨིན་པར་གྱུར་ན་ཡང་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བདག་གི་མི་སྡུག་པ་མེད་པར་གྱུར་ཏེ་བྱད་གཟུགས་བཟང་པོར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་མི་སྡུག་པ་འདི་ཁོ་ན་ཡིན་ཏེ། དེས་དེར་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་བའི་འོག་ཏུ་ཕྱིར་ཕྲོགས་ཏེ་ལུས་དང་ངག་གི་ལས་ཚུལ་མི་སྡུག་པས་ཐོ་བཙམས་ནས། ཁྱིམ་ནས་བསྐྲད་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་མི་སྡུག་པར་གྱུར་ཏེ་ཁྱིམ་ནས་བསྐྲད་དོ། །དེས་རང་སངས་རྒྱས་ལ་ཕྱིར་ཡང་བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་སྟེ། གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་རང་སངས་རྒྱས་བྱེ་བ་ཕྲག་འབུམ་བས་ཀྱང་ཆེས་ལྷག་པར་ཁྱད་པར་དུ་འཕགས་པ་ང་ལྟ་བུ་འདིས་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས། དེས་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་
May I achieve such great virtues. Should it be the case that this nonvirtue must certainly bear fruit, then as soon as I feel a sense of renunciation, may my unattractive features disappear and may I become well proportioned and handsome.’
“O monks, what do you think? The one who was that householder then is none other than Virūpa. The acts of giving alms to the solitary buddha, then stealing them back and chasing him away from the house, cruelly intending to physically and verbally abuse him, ripened such that wherever he was born, he had unattractive features and was cast out of the house. The act of giving alms to the solitary buddha again and praying, ‘Wherever I am born, may it be into a family of great means, prosperity, and wealth. May I please and not displease a teacher even more exalted than this. May I achieve such great virtues,’ ripened such that wherever he was born it was into a family of great means, prosperity, and wealth.
“Monks, I am more exalted than even one hundred billion solitary buddhas, and now he has pleased me, not displeased me, gone forth in my very doctrine, cast away all afflictive emotions, and manifested arhatship.
“He also went forth in the doctrine of the totally and completely awakened Buddha Kāśyapa. Then, having practiced pure conduct all his life, at the time of his death he prayed, ‘While I may not have attained any great virtues, still I have gone forth like this in the doctrine of the totally and completely awakened Buddha Kāśyapa and practiced pure conduct all my life. Therefore, may I please and not displease Uttara, the young brahmin
Translations (1)
- The Hundred Deeds — Dr. Lozang Jamspal & Kaia Fischer, English