Pramāṇa · Search · About · API

Karmashataka 2.1

ལས་བརྒྱ་ཐམ་པ་པ 2.1

Language
Classical Tibetan

2.1

བཞི་པོ་རྣམས་ཀྱིས་མཆོད་པའི་ལས་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་གཉིས་པ། སྒུར་བུ་གཉིས་ཞེས་བྱ་བ་དེ་ལ། སྒུར་བུ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་

the fourfold assembly performed the deeds of worship. The Karmaśataka, [Fascicle 2]. Concerning the [story] called 'The Two Hunchbacks': as for the first hunchback, the nidāna is set in Śrāvastī. At that time in Śrāvastī, there lived a gṛhapati who was wealthy, with great riches and vast possessions, having an extensive and grand estate, possessed of wealth like Vaiśravaṇa, rivaling the wealth of Vaiśravaṇa. He took a wife who was suitable to him, and having made sport and enjoyed himself happily with her,

English (machine translation) (machine translation)

Translations (1)