Pramāṇa · Search · About · API

Karmashataka 21.1

ལས་བརྒྱ་ཐམ་པ་པ 21.1

Language
Classical Tibetan

21.1

ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། བུ་འདི་ཁོ་ནའི་རྐྱེན་གྱིས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་གཅིག་པ། ཝ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན། དེའི་ཆུང་མ་ལ་བུ་ཆགས་ནས་དེའི་ལུས་ཐོག་ཐག་ནས་ཕྱི་སའི་དྲི་མནམ་པར་གྱུར་ལ་ཡིད་ལ་འདོད་པ་འདི་ལྟ་བུ་ཡང་བྱུང་སྟེ། ཕྱི་ས་དང་གཅིན་བཟའ་ཞིང་འཐུང་ངོ་སྙམ་མོ། །དེ་ནས་དེས་ཁྱིམ་ཐབ་ལ་སྨྲས་པ། ཇོ་བོ་བདག་གི་ཡིད་ལ་འདོད་པ་དེ་ལྟ་བུ་བྱུང་

was born into a family that was rich, of great wealth, and of abundant possessions. Due to the condition of this son alone, he pleased me and did not displease me. / The Hundred Deeds, viśrāma twenty-one. / Regarding that called "The Fox": The nidāna was in Śrāvastī. At that time, a gṛhapati lived in Śrāvastī who was rich, possessing great wealth and vast property, with extensive holdings, possessing wealth equal to Vaiśravaṇa, and rivaling the wealth of Vaiśravaṇa. Having taken an appropriate wife, he enjoyed pleasure and sport with her, taking his delight. Later, his wife became pregnant, and a smell of excrement arose from her entire body, and such a desire arose in her mind: "I want to eat and drink excrement and urine." Then she said to her husband, "Lord, such a desire has arisen in my mind,

English (machine translation) (machine translation)

Translations (1)