Karmashataka 24.23
ལས་བརྒྱ་ཐམ་པ་པ 24.23
- Language
- Classical Tibetan
24.23
གི་དངོས་པོར་འགྱུར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་རབ་ཏུ་འབྱུང་བར་མཛད་པར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་རབ་བཟང་ལ་དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས། ཚིག་དེ་ཐོས་མ་ཐག་ཏུ་སྐྲ་དང་ཁ་སྤུ་ནི་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། ཆོས་གོས་སྣམ་སྦྱར་ནི་གྱོན། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར། ལག་ན་ནི་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །དེ་ནི་སྐྲ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱིས་ནི་དགོངས་པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ལུང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་བཟང་འདི་སྙམ་དུ་སེམས་ཏེ། བདག་གིས་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བར་བྱ་བ་ནི་བདག་གི་ཆ་མ་ཡིན་གྱིས། མ་ལ་བདག་གིས་བྱིན་གྱི་རླབས་རྣམ་པ་ལྔ་བྱིན་གྱིས་བརླབས་ལ། དེ་བས་སྔར་ཡོངས་སུ་མྱ་ངན་ལས་འདས་པར་བྱའོ་སྙམ་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་བདག་དགེ་སློང་གི་ཆ་ལུགས་སུ་མཐོང་བར་གྱུར་ཅིག །མུ་སྟེགས་པ་གཞན་རྣམས་ཀྱིས་ནི་མུ་སྟེགས་པའི་ཆ་ལུགས་སུ་མཐོང་བར་གྱུར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་བདེ་བླག་ཏུ་བདག་གི་ཐད་དུ་འོང་ནུས་པར་གྱུར་ཅིག །མུ་སྟེགས་པ་གཞན་དག་ཞིག་གིས་ནི་ཆུ་ཆེན་པོས་བསྐོར་བར་མཐོང་བར་གྱུར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་བདག་
I would like to request the Blessed One out of compassion to lead him to go forth.”
Then the Blessed One said to the mendicant Subhadra, “Come, monk! Practice the holy life.”
As soon as the Blessed One had finished speaking there he stood, alms bowl and water pitcher in hand, with but a week’s worth of hair and beard, and with the deportment of a monk who had been ordained for one hundred years. As it is stated:
Garbed in robes, with shaven heads,
And senses stilled by Buddha’s will—
From the very moment the One Thus Gone
Spoke to them, saying, “Come, join me.”
Then the Blessed One conferred on him instruction, and, casting away all afflictive emotions through diligence, practice, and effort, he manifested arhatship. As an arhat, free from the attachments of the three realms, his mind regarded gold no differently than filth, and the palms of his hands as like space itself. He became cool like wet sandalwood. His insight crushed ignorance like an eggshell. He achieved the insights, superknowledges, and discriminations. He had no regard for worldly profit, passion, or acclaim. He became an object of offering, veneration, and respectful address by Indra, Upendra, and the other gods.
The thought occurred to Venerable Subhadra, “It is not my fate that I should see our teacher pass into parinirvāṇa, so I will make the following fivefold resolve:
“With the thought that I might enter nirvāṇa before the Buddha, may fellow practitioners of the holy life see me as a monk, and may those who hold extreme views see me as one who holds extreme views.
“May fellow practitioners of the holy life find it easy to come and see me, and may others who hold extreme views see me as surrounded by a great mass of water.
“May fellow practitioners of the holy life
Translations (1)
- The Hundred Deeds — Dr. Lozang Jamspal & Kaia Fischer, English