Pramāṇa · Search · About · API

Karmashataka 35.21

ལས་བརྒྱ་ཐམ་པ་པ 35.21

Language
Classical Tibetan

35.21

ནི་ཡོན་གནས་ཡིན་ཏེ། ཡོན་དབུལ་བའི་འོས་ཡིན་པས་ན། ཡོན་ཉི་རིམ་དུ་དབང་ངོ་ཞེས་ཟེར་རོ། །མཐིལ་ན་གནས་པའི་བྲམ་ཟེ་རྣམས་ན་རེ། ཁྱོད་ནི་ཞིང་བླས་ཀྱིས་འཚོ་བ་ཚོལ་བ་ཡིན་གྱི། ངེད་ནི་ཡོན་གནས་ཡིན་ཏེ། ཡོན་དབུལ་བའི་འོས་ཡིན་པས་ན། ཡོན་ཉི་རིམ་དུ་དབང་ངོ་ཞེས་ཟེར་རོ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་། འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས། ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །

are qualified to receive these offerings. It is we who are worthy of them. Therefore, we deserve double.”

The brahmins from the center of town said, “You pursue your livelihood by working in the fields. We are qualified to receive these offerings. It is we who are worthy of them. Therefore, we deserve double.”

The blessed buddhas, teachers of the one path to be traversed, with mastery over wisdom and the two types of knowable objects, in command of the three kinds of sterling equanimity, fearless by means of the fourfold fearlessness, freed from migration through the five destinies, keen in the six sense bases, practiced in the seven limbs of enlightenment, focused on the eight liberations, absorbed in the nine successive meditative absorptions, possessing all ten of the ten powers, whose proclamations are the great roaring of a perfect lion, by nature regard the world with their buddha eyes six times throughout the day and night—three times by day and three times by night.

These are their thoughts as they look out in wisdom: “Who is in decline? Who will flourish? Who is destitute? Who is in a dreadful state? Who is being harmed? Who is destitute, in a dreadful state, and being harmed? Who is veering toward the lower realms? Who is descending through the lower realms? Who has descended to the lower realms? Whom shall I pull up from the lower realms, and establish in the resultant state of heaven and liberation? Whom, mired in misdeeds, shall I lift up by the hand? Whom, lacking the seven jewels of the noble ones, shall I lead to command of the seven jewels of the noble ones? Whom, not having produced roots of virtue, shall I lead to produce them? Whom, having already produced roots of virtue, shall I lead to ripen their roots of virtue? Whom, having already ripened their roots of virtue, shall I slice open with the blade of wisdom? For whom shall I cause this world, adorned with a buddha’s presence, to be fruitful?”

The ocean, home of creatures fierce,
Could fail to send its tides on time.

Dr. Lozang Jamspal & Kaia Fischer, The Hundred Deeds

Translations (1)