The Dhāraṇī of Agrapradīpa 11
འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་སྒྲོན་མ་མཆོག་གི་གཟུངས 11
- Language
- Classical Tibetan
11
གཟུངས་སྔགས་འདི་ནི་རྗོད་བྱེད་པ། །དེ་ལ་རྟག་ཏུ་སྲུང་བར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། འཕགས་པ་བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་སྒྲོན་མ་མཆོག་གི་གཟུངས་རྫོགས་སོ།།
Recite this dhāraṇī-mantra
And keep it always safe.”
After the Blessed One spoke these lines, the venerable Ānanda, the great śrāvakas, the noble bodhisattva mahāsattvas Maitreya, Mañjuśrī, and the rest, the Four Great Kings, and the world full of devas, humans, asuras, and gandharvas rejoiced and praised the Blessed One’s teaching.
Translations (2)
- The Dhāraṇī of Agrapradīpa — Julian Schott, English
- English (machine translation) — English, machine translation