Pramāṇa · Search · About · API

Mahapratisara Mahavidyarajni 1

འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་སངས་རྒྱས་དང 1

Language
Classical Tibetan

1

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པྲ་ཏི་ས་རཱ་བིདྱཱརཱཛྙཱི། བོད་སྐད་དུ། འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་ལྷུན་པོ་ཆེན་པོའི་ཟོམ་ན། ཁང་པ་བརྩེགས་པ་རྡོ་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སའི་གནས། རྡོ་རྗེ་ཆེན་པོའི་དཔག་བསམ་གྱི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། རྡོ་རྗེ་ཆེན་པོའི་རྫིང་གི་རིན་པོ་ཆེ་དང་། པདྨའི་འོད་ཀྱིས་སྣང་བར་བྱས་པ། ས་ཕྱོགས་རྡོ་རྗེ་ཆེན་པོའི་བྱེ་མ་བདལ་བ། རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་པ། འཁོར་གྱི་ཁྱམས་རྡོ་རྗེ་ཆེན་པོ་ལས་བྱས་པ། ལྷའི་དབང་པོ་བརྒྱ་བྱིན་གྱི་རྡོ་རྗེའི་སེང་གེའི་ཁྲི་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་རྣམ་པར་མཛེས་པ། ཆོས་བསྟན་པ་དང་། ཆོ་འཕྲུལ་ཅན་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ངེས་པར་འབྱུང་བ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་

I pay homage to Mahāpratisarā, queen of incantations,¹⁹ and to all buddhas and bodhisattvas!

Thus did I hear at one time. The Blessed One was dwelling on the summit of great vajra Mount Meru, in a mansion resting on the ground of great vajra meditative absorption. The site was beautifully adorned with great vajra wish-fulfilling trees and illuminated by the luster of the jewels and lotuses in a great vajra pond. The ground was strewn with great vajra sand and consecrated as a great vajra. The site had a surrounding courtyard made of great vajras and was bedecked with billions of great vajra lion thrones of Śakra, lord of the gods. The site was consecrated by the blessings of all buddhas as a place of miracles where Dharma was taught, where the equality of all phenomena is entered, and that was perfected²⁰ by omniscience.

James Gentry, The Great Amulet

Translations (1)

Linked texts (2)