Pramāṇa · Search · About · API

The Sūtra of Golden Light 46

འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ 46

Language
Classical Tibetan

46

པ་གང་། །སྡིག་དེ་བཅབ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང་། །ལས་རྣམས་བཅུ་པོ་བགྱིས་པ་དག །དེ་དག་ཐམས་ཅད་བདག་འཆགས་སོ། །མི་དགེ་ལས་བཅུ་སྤངས་ནས་སུ། །དགེ་བ་བཅུ་པོ་བསྟེན་བགྱིས་ལ། །ས་བཅུ་ལ་ནི་བདག་གནས་ཤིང་། །སྟོབས་བཅུ་མཆོག་ཏུ་གྱུར་པར་ཤོག །བདག་གིས་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུའི་གླིང་འདིར་གང་དག་དང་། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །གང་རྣམས་དགེ་བའི་ལས་བགྱིད་པ། །དེ་དག་ཀུན་ལ་ཡི་རང་ངོ་། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །བདག་གིས་བསོད་ནམས་གང་བསྒྲུབས་པ། །བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་ཤོག །སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མི་མཉམ་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང་། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། །ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང་། །སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང་། །སྲིད་པ་ཉམ་ང་འདོད་ཆགས་ཉམ་ང་དང་། །ཞེ་སྡང་གཏི་མུག་མུན་པའི་ཉམ་ང་དང་། །ངལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང་། །བསོད་ནམས་བསྒྲུབ་པ་ཉམ་ང་དག་གིས་ཀྱང་། །རྒྱལ་བ་མི་མཉམ་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སངས་རྒྱས་གསེར་མདོག་རི་སྣང་རི་རབ་འདྲ། །ཡོན་ཏན་རྒྱ་མཚོ་འདྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་དེ་དག་རྣམས་ལ་སྐྱབས་སུ་མཆི། །རྒྱལ་བ་དེ་དག་ཀུན་ལ་མགོས་ཕྱག་འཚལ། །གསེར་མདོག་

“ ‘There are three kinds of physical actions;
There are four kinds of verbal actions;
There are three kinds of mental actions—
I make a confession of them all.

“ ‘Those actions done physically, those done verbally,
And those done mentally—
The ten kinds of karma I have created—
I make a confession of them all.

“ ‘Having forsaken the ten bad actions,
I will practice the ten that are good.
I will dwell upon the ten bhūmis
And be endowed with the ten supreme strengths.

“ ‘Whatever bad karma I possess
Will bring undesirable results.
I make a confession of all of it
In the presence of the buddhas.

“ ‘Whatever good actions have been done,
Whether in this Jambudvīpa
Or in other world realms,
I rejoice in them all.

“ ‘Whatever merit I have created
Through my body, speech, and mind,
Through those meritorious roots
May I reach the highest enlightenment.

“ ‘Whatever dreadful bad actions have been made
By a foolish mind distressed within existences,
I confess each one of those bad actions
Before the unequaled one with the ten strengths.

“ ‘I confess whatever bad karma I have accumulated
In dangerous lives, in dangerous existences,
In dangerous worlds with a dangerous and unstable mind,
Through various kinds of dangerous physical behavior.

“ ‘In the presence of the unequaled jinas,
I confess every single bad action I have done
Because of perilous, foolish stupidity and kleśas,¹¹¹
Because of perilous association with wicked friends,

“ ‘Because of perilous saṃsāra and perilous desire,
Because of perilous anger and perilous ignorance,¹¹²
Because of perilous fatigue¹¹³ and perilous times,
And because of a perilous lack of producing merit.

“ ‘I praise the buddhas, who are like shining golden mountains—
Who are like Sumeru,¹¹⁴ and like oceans of qualities.
I go for refuge to those jinas
And bow my head to all those jinas.

Peter Alan Roberts, The Sūtra of the Sublime Golden Light (2)

Translations (1)

Linked texts (2)