Pramāṇa · Search · About · API

Namaskaraikavimshatistotra 2

སྒྲོལ་མ་ལ་ཕྱག་ཚལ་ཉི་ཤུ་རྩ་གཅིག་གིས་བསྟོད་པ་ཕན་ཡོན་དང་བཅས་པ 2

Language
Classical Tibetan

2

ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུ་ཏྟྭ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་རྩེ་མོས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་ནི་མཛད་མ། །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགས། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོན་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མན་དཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་

Crush the magical devices of other traditions.
With your right leg bent and your left leg extended,
You shine amid flames blazing wildly.

Homage to Turā, the fearsome lady,
Destroyer of the most powerful demons.¹⁸
With your lotus face and stern frown,
You are the slayer of each and every foe!

Homage to you, whose fingers grace your heart,
Displaying the mudrā of the Three Jewels.
Graced by wheels in all directions,
Your natural radiance overwhelms all.¹⁹

Homage to you, supremely joyous,
Your splendorous crown spreading garlands of light.
Tuttārā, smiling and laughing,
You bring demons and worlds within your control.²⁰

Homage to you, who can summon
The hosts of earthly guardians.
Knitting your quivering brows, with the syllable hūṁ
You deliver from every misfortune.

Homage to you, so brightly adorned,
With a sliver of moon as your crown,²¹
Your locks always graced by Amitābha,
Whose bright light streams forever forth.

Homage to you, seated amid blazing flames
That resemble the fire that ends an eon.
Immersed in joy, your right leg extends, and the left is bent.
Thus, you crush legions of foes.

Homage to you, who on the earth’s surface
Strike your palms and stamp your feet;
The hūṁ that is formed by your frown
Smashes the seven netherworlds to nothing but dust.

Homage to you, blissful, gracious, and tranquil,
Whose domain is the peace of nirvāṇa.
In perfect union with svāhā and oṁ,
You lay to waste every terrible evil.

Homage to you, who, immersed in rapture,
Shatter the bodies of all foes.
You shine with the knowledge-syllable hūṁ,
As your mantra’s ten syllables are set forth.²²

Homage to Turā, your feet stomping,
Formed from the seed of the syllable hūṁ.
The mountains of Meru, Mandara, and Vindhya,²³
And all the three worlds—you cause them to quake.

Homage to you, who hold in your hand
A deer-marked moon like a divine lake.
With tāra uttered twice and then with phaṭ,

Stefan Mang & Peter Woods, Praise to Tārā with Twenty-One Verses of Homage

Translations (1)

Linked texts (2)