The seventeen sections (vastu) on monastic procedure 17.161
འདུལ་བ་གཞི 17.161
- Language
- Classical Tibetan
17.161
པར་ཤེས་པས་མངོན་སུམ་དུ་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམ་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤངས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་ཇི་སྲིད་དུ་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་མིག་མ་སྐྱེས། ཤེས་པ་མ་ཡིན། རིག་པ་མ་ཡིན། བློ་མ་ཡིན། རྟོགས་པ་མ་སྐྱེས་པ་དེ་སྲིད་དུ་ང་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས། ཚངས་པ་དང་བཅས་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་། ངེས་པར་འབྱུང་བ་དང་། མི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་
'[This noble truth of the cessation of suffering] should be directly realized through higher knowledge,' as I applied proper mental attention, the eye arose, knowledge arose, wisdom arose, intellect arose, and insight arose. Monks, regarding things unheard of before, as I applied proper mental attention: 'This noble truth of the path leading to the cessation of suffering should be cultivated by me through higher knowledge,' the eye arose, knowledge arose, wisdom arose, intellect arose, and insight arose. Monks, regarding things unheard of before, as I applied proper mental attention: 'This noble truth of suffering has been completely understood by me through higher knowledge,' the eye arose, knowledge arose, wisdom arose, intellect arose, and insight arose. Monks, regarding things unheard of before, as I applied proper mental attention: 'This noble truth of the origin of suffering has been abandoned by me through higher knowledge,' the eye arose, knowledge arose, wisdom arose, intellect arose, and insight arose. Monks, regarding things unheard of before, as I applied proper mental attention: 'This noble truth of the cessation of suffering has been directly realized by me through higher knowledge,' the eye arose, knowledge arose, wisdom arose, intellect arose, and insight arose. Monks, regarding things unheard of before, as I applied proper mental attention: 'This noble truth of the path leading to the cessation of suffering has been cultivated by me through higher knowledge,' the eye arose, knowledge arose, wisdom arose, intellect arose, and insight arose. Monks, as long as regarding these four noble truths, thus turned in three rounds with twelve aspects, the eye had not arisen, knowledge not arisen, wisdom not arisen, intellect not arisen, and insight had not arisen, for that long I had not dwelt widely released, emerged, detached, fully liberated from this world with its devas, its Māras, its Brahmās, with its generation of śramaṇas and brāhmaṇas, together with its devas and humans, through a mind free from distortion,
Translations (1)
- English (machine translation) — English, machine translation
Linked texts (1)
- Saṅghabhedavastu — Sanskrit