Pramāṇa · Search · About · API

Karmashataka 5.3

ལས་བརྒྱ་ཐམ་པ་པ 5.3

Language
Classical Tibetan

5.3

སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་ཏུ་མཐོང་བ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར་ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །

feel real joy toward the emanation, exhausting the deeds that brought them to experience the hells. Now, as fit vessels of the truths, they take rebirth among the gods and humans.

The rays of light that travel up go to the following gods: those of the Abodes of the Four Great Kings, the Heaven of the Thirty-Three, the Strifeless Heaven, Tuṣita Heaven, the Delighting in Creation Heaven, the Heaven of the Masters of Others’ Creations, and the Heaven of Brahmā’s Assembly; those of the realms called Brahmin Priests, Great Brahmā, Limited Splendor, Immeasurable Splendor, Radiant Heaven, Lesser Virtue, Immeasurable Virtue, Extensive Virtue, and the Cloudless Heaven; and those of the realms called Increasing Merit, Great Result, None Greater, Sorrowless, Sublime Vision, Great Vision, and Supreme. There they sound a cry of impermanence, suffering, emptiness, and selflessness, and they echo the following two verses:

Cultivate renunciation,
Practice the Buddha’s teaching—
Trample the lord of death’s army
Like an elephant in a house of reeds!

Those who mind their way along the path
Of this Dharma and Vinaya
Will abandon the round of rebirth
And put an end to suffering.

Then the rays of light circle through the trichiliocosm and come back to the blessed ones. Should the blessed one wish to make a revelation about past deeds, they will disappear into the blessed one’s back. Should he wish to foretell the future, they will disappear into the chest. Should he wish to prophesy about a hell birth, they will disappear into the soles of the feet. Should he wish to prophesy about an animal birth, they will disappear into the heels.

Dr. Lozang Jamspal & Kaia Fischer, The Hundred Deeds

Translations (1)