Bodhicaryavatara 2
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ 2
- Language
- Classical Tibetan
2
༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱ་ཨ་བ་ཏཱ་ར། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཏེ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། །སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པ་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །དགེ་བ་བསྒོམ་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། །བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང་། །ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། །དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་
In the language of India: Bodhicaryāvatāra
In the language of Tibet: བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། (changchub sempé chöpa la jukpa)
In the English language: Introduction to the Bodhisattva’s Way of Life
Homage to the buddhas and bodhisattvas!
With devotion I pay homage to the buddhas gone to bliss,
To their Dharma body, noble heirs and all worthy of respect.
In accordance with the scriptures, I shall now in brief describe
The way to adopt the discipline of all the buddhas’ heirs.
There is nothing here that’s not been said before;
And I have no skill in the art of composition.
Therefore I do not expect this to be of much use to others,
And write it only to acquaint it to my mind.
Through this, my faith will be strengthened for a while,
And I will grow more accustomed to what is virtuous.
Then should others, somehow equal to myself in fortune,
Chance upon these words, they might find them beneficial.
This free and well-favoured human form is difficult to obtain.
Now that we have the chance to realise the full human potential,
If we don’t make good use of this opportunity,
How could we possibly expect to have such a chance again?
Translations (2)
- Bodhicaryāvatāra—Chapter 1 — Adam Pearcey 2007, English
- English (machine translation) — English, machine translation
Linked texts (1)
- Bodhicaryāvatārapañjikā — Prajñākaramati, Sanskrit