Bodhicaryavatara 3
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ 3
- Language
- Classical Tibetan
3
མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་བར་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་
Like a flash of lightning on a dark and cloudy night,
Which, for just a single instant, sheds its brilliant light,
Rarely, through the buddhas’ power,
A mind of virtue arises, briefly, to people of the world.
All ordinary virtues therefore are forever feeble,
Whilst negativity is strong and difficult to bear—
But for the mind intent on perfect buddhahood,
What other virtue could ever overcome it?
Contemplating wisely throughout the ages,
The mighty buddhas have seen its great benefit:
That it helps the boundless multitude of beings
Easily to gain the highest states of bliss.
Those who long to triumph over life’s distress,
And who wish to put an end to others’ sorrows,
Those who seek to experience abundant joys—
Let them never turn their backs on bodhicitta.
This free and well-favoured human form is difficult to obtain.
Now that we have the chance to realise the full human potential,
If we don’t make good use of this opportunity,
How could we possibly expect to have such a chance again?
For the very instant that bodhicitta is born
In the weary captives enslaved within saṃsāra,
They are called heirs of the bliss-gone buddhas,
Honourable to gods, humans, and the world.
Translations (2)
- Bodhicaryāvatāra—Chapter 1 — Adam Pearcey 2007, English
- English (machine translation) — English, machine translation
Linked texts (1)
- Bodhicaryāvatārapañjikā — Prajñākaramati, Sanskrit