Shikshasamuccaya 176
བསླབ་པ་ཀུན་ལས་བཏུས་པ 176
- Language
- Classical Tibetan
176
དང་། །རྩེད་མོ་དགའ་བའི་དབང་ཉིད་དང་། །མྱ་ངན་དང་ནི་ནད་དབང་དང་། །ནོར་གྱིས་མ་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །འཕགས་མིན་སྐྱེ་བོ་འདྲེ་བ་དང་། །ཕྲག་དོག་སེར་སྣ་སྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །ཕོངས་དང་རྒུད་པའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱི་འཇིགས་རྒྱུ་དང་། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །གཡོ་བའི་སེམས་ཀྱི་དབང་ཉིད་དང་། །འདོད་དང་ཁྲོ་བའི་དབང་དག་དང་། །བཀྲེས་དང་སྐོམ་གྱིས་ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །བཟའ་བ་དག་དང་བཏུང་བ་དང་། །བུད་མེད་རྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང་། །ལུས་དང་ངག་དང་ཡིད་ཀྱི་སྡིག །ཉེས་སྤྱད་རྣམ་པ་གསུམ་བསགས་ནི། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང་། །དེ་བཞིན་ཉན་ཐོས་རྣམས་ལ་ཡང་། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ་དང་། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང་། །ཕ་མ་རྣམས་ལ་མ་གུས་དང་། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པ་དང་ནི་བྱིས་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་ཕྱོགས་བཅུའི་འཇིག་རྟེན་དུ། །སྟོབས་བཅུ་རྣམས་ལ་མཆོད་པར་བགྱི། །བདག་གིས་ཕྱོགས་བཅུའི་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་གདོན་པར་བགྱི། །སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་ལ་ནི་དགོད་པར་བགྱི། །ས་བཅུ་ལ་ནི་གནས་ནས་ཀྱང་། །ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག །ཇི་སྲིད་སྡུག་བསྔལ་རྒྱ་མཚོ་
remains, / May I deliver all sentient beings! / May sentient beings who are bound in saṃsāra / Be freed from all suffering! / May they achieve the sublime peace, / The supreme bliss of nirvāṇa! / May they quickly attain the supreme, / Stainless, unsurpassed enlightenment! / May they quickly obtain the ten powers, / The unhindered state of omniscience! / Through that virtue, may the world / Be liberated from all sickness and suffering! / May all embodied beings be freed / From birth, old age, sickness, and death! / Whatever suffering there is in the bad destinies, / May it all be completely extinguished! / May all beings in the world / Be endowed with every joy! / May they obtain the sublime food and drink, / Clothing, ornaments, and residences! / May they possess great wealth and resources, / And be endowed with supreme delight! / May they possess the form of beauty and splendor, / And be endowed with glory and renown! / May their minds be gentle and disciplined, / And may their faculties be completely subdued! / May they be endowed with pure conduct, / And possess the supreme moral discipline! / May they have the eye of wisdom, / And obtain the supreme vision! / May they abandon all non-virtues, / And always practice virtue! / May they attain the samādhis, / The dhyānas, and the limitless minds! / May they achieve the dhāraṇīs, / And the pristine wisdom of the conquerors! / May they reach the ten grounds, / And quickly obtain buddhahood! / In that way, one should cultivate the practice of repudiation through the confession of sins." As is said in the noble Upālikaparipṛcchā: "If a bodhisattva has a downfall connected with desire, and a downfall connected with anger, the downfall connected with anger is a grave transgression, a grave fault, and a great impediment to the Mahāyāna; it is a downfall that causes one to fall away from the Mahāyāna. Why is that? Because anger is abandonment of sentient beings, whereas desire is the embracement of sentient beings. Upāli, the Blessed One has taught that desire is a downfall that is difficult to abandon and of slow cessation; he has taught that anger is a downfall that is easy to abandon and of rapid cessation. Upāli, in this regard, the Blessed One has not praised desire; rather, the Blessed One has rebuked desire. Upāli, if a bodhisattva who engages in the Mahāyāna with skillful means were to have downfalls connected with desire as numerous as the sands of the River Ganges, that bodhisattva would not be separated from the Mahāyāna, nor would he fall away from the vows of a bodhisattva." And so forth, up to: "Upāli, if a bodhisattva has a single downfall connected with anger, that is a grave transgression, a grave fault, and a downfall that causes him to fall away from the Mahāyāna." Thus it is said.
Translations (1)
- English (machine translation) — English, machine translation
Linked texts (2)
- Input by M. Rozehnal and J. Braarvig (after Bendall 1897–1902) — Sanskrit
- Suvarṇaprabhāsottamasūtra — Sanskrit